༉ མི་དབང་མངའ་ཞབས་མཆོག་གིས།།
སྟེང་གི་ལྷམོ་དང་འདྲ་བའི།།
ལུང་བསྟན་ཅན་གྱི་བཙུན་མོ།།
མཁའ་འགྲོ་རྗེ་བཙུན་པདྨ་བཞེས་པ་ལེགས།།
ང་བཅས་འབྲུག་གི་མི་སེར།།
ཁ་རྗེ་སྔར་ལས་བཟང་སོང་།།
བཙུན་མོ་མཆོག་གི་ཐུགས་སེམས།།
བྱང་ཆུབ་སེམས་པ་དངོས་མས།།
རྒྱལ་ཁབ་སྔར་ལས་ལྷག་པའི།།
དགའ་སྐྱིད་ཕུན་སུམ་ཚོགས་ཏེ།།
དགའ་སྐྱིད་ཉི་མ་ཤར་ཏེ།།
མི་སེར་སྐྱིད་ཉམས་སྐྱོང་དོ།།
རྒྱལ་ཁབ་རང་དབང་བཙན་པའི།།
སྨོན་ལམ་ཡང་ཡང་བཏབ་གེ།།
མི་དབང་རྒྱལ་བཙུན་རྣམ་གཉིས།།
སྐུ་ཚེ་ཞབས་པད་བརྟན་ཤོག།།
རྒྱལ་བརྒྱུད་ཆུ་ལས་རིང་ཤོག།།
རྒྱལ་ཁབ་སྟན་པར་འཛིན་མི།།
བརྒྱུད་འཛིན་རྒྱལ་སྲས་འཁྲུངས་པའི།།
སྨོན་ལམ་ཡང་ཡང་ཞུ་གེ།།
ཚི་རིང་སྒྲོལ་མ།
དྲུག་པ་ ཀ།
འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མ།
No comments:
Post a Comment