The Principals,teachers and students of Damphu LSS, Tsirang, would like to offer our heartfelt felicitations and sincere prayers to the Royal Couple on this joyous and auspicious occasion of Royal Wedding.

We pledge our dedicated service to the cause of our Children, so that we contribute towards fulfilling the noble aspirations of your Majesty.

Wednesday 12 October 2011

རྒྱལ་བཙུན་བཞེས་པའི་ཉིནམ།


  རང་དབང་རང་བཙན་ཅན་གྱི།། སྨོན་ལྗོངས་འབྲུག་གི་རྒྱལ་ཁབ།།
ས་ཕྱོགས་ག་ལས་བལྟ་རུང་།། ལྷ་ཡུལ་འདྲ་བ་ལེགས་སོ།།

དགའ་བས་འབྲུག་གི་རྒྱལ་ཁབ།། སྐྱིད་པས་འབྲུག་གི་རྒྱལ་ཁབ།།
ལྷའི་སྲས་དང་འདྲ་བའི།། མི་དབང་རྒྱལ་པོ་འཁྲུངས་ཡོད།།

ལྷ་ཡི་ཡུལ་དང་འདྲ་བའི།།  སྨོན་ལྗོངས་ཆོས་ལྡན་རྒྱལ་ཁབ།།
ང་བཅས་འབྲུག་མི་འདི་ཚུ།།  སྐལ་བ་བཟང་རང་བཟང་ནུག།།

བྱམས་དང་བརྩེ་བའི་གོ་ལས།། རང་གི་བུ་གཞི་བཟུམ་སྦེ།།
དགའ་སྐྱིད་ངང་ལུ་བཞག་མི།། མི་དབང་རྒྱལ་པོ་ཨིན་ནོ།།

ཕྱག་ལཱ་ག་ཅི་མཛད་རུང་།། རྒྱལ་ཁབ་མི་སེར་དོན་ལུ།།
ཐུགས་བསམ་རྒྱ་ཆེཝ་བཞེས་མི།། མི་དབང་འབྲུག་རྒྱལ་ལྔ་པ།།

ང་བཅས་ན་གཞོན་ཡོངས་ཀྱིས།།  རྒྱལ་བཙུན་བཞེས་པའི་ཉིནམ་ལུ།།
དད་དམ་ལྷོད་མེད་ངང་ནས།།  བཀྲིས་བདེ་ལེགས་ཞུ་གེ།

འདི་བཟུམ་རྒྱལ་བཙུན་རྣམས་གཉིས།། ནམ་ཡང་འགྱུར་བ་མེད་པར།།
སྐུ་ཚེ་རིང་བའི་སྨོན་ལམ།།  ན་གཞོན་ང་གིས་ཞུ་གེ།
 
བསོད་ནམས་རྡོ་རྗེ།
བདུན་པ་་་་་་་ཀ།
འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མ།

No comments:

Post a Comment