The Principals,teachers and students of Damphu LSS, Tsirang, would like to offer our heartfelt felicitations and sincere prayers to the Royal Couple on this joyous and auspicious occasion of Royal Wedding.

We pledge our dedicated service to the cause of our Children, so that we contribute towards fulfilling the noble aspirations of your Majesty.

Friday 7 October 2011

འབྲུག་རྒྱལ་ལྔ་པ་དང་རྒྱལ་བཙུན་རྗེ་བཙུན་པདྨ་མཆོག་ལུ།


༉   ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ཨིན་རུང་ འདི་ནང་སྐྱེ་བའི་མི་སེར་
ཚུ་ དགའ་སྐྱིད་ལྡན་པའི་ངང་ལུ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་ འབད་སྡོད་དེ་ཡོད།  
དེ་སྦེ་ཡོད་མི་འདི་ཡང་ བཀའ་དྲིན་ཅན་གྱི་མི་དབང་ མངའ་བདག་རིམ་བྱོན་ཚུ་བྱོན་ཏེ་ རྒྱལ་
ཡོངས་དགའ་སྐྱིད་དང་ལྡནམ་བཟོ་གནང་ ཡོད་པའི་བཀའ་དྲིན་ཨིན་ཟེར་ཞུ་ནི། དུས་ཅིག་
ང་བཅས་རའི་ འབྲུག་རྒྱལ་ལྔ་པ་མཆོག་གིས་ ཁྱད་ཆོས་ལྡན་པའི་མི་དབང་རྒྱལ་བཙུན་རྗེ་
བཙུན་པདྨ་མཆོག་ བཙུནམོ་སྦེ་བཞེས་ནི་ཨིནམ་ལས་ ང་བཅས་ག་ར་ ངལ་རང་དང་
དཔའ་ཉམས་བསྐྱེད་དེ་ཡོད་ཟེར་ཞུ་ནི།  རྒྱལ་བཙུན་བཀྲིས་མངའ་གསོལ་གྱི་ཉིནམ་འདི་ལུ་
གཟའ་དཀར་འཕྲོད་སྦྱོར་བཟང་སོང་། གནམ་ལ་སྐར་མ་བཟང་སོང་། ས་ལ་ཉི་མ་དྲོ་སོང་། 
བར་ལ་རྒྱུ་སྐར་བཟང་སོང་། བཀྲིས་རྟེན་འབྲེལ་སྒྲིགས་སོང་། སྐལ་བ་བཟང་ར་བཟང་
སོང་། ཟེར་གཟའ་སྐར་ ཕུན་སུམ་ཚོགས་པའི་ ཉིནམ་འདི་ལུ་ དཔལ་མི་དབང་ འཇིག་
མེད་གེ་སར་རྣམས་རྒྱལ་དབང་ཕྱུག་ མཆོག་ མངོན་པར་མཐོ་བའི་ གསེར་ཁྲི་གུ་ལུ་ 
བཞུགས་ནི་དང་ རྒྱལ་བཙུན་རྗེ་བཙུན་པདྨ་མཆོག་ དངུལ་ཁྲི་གུ་ལུ་ བཞུགས་ཞིནམ་ལས་
ཚུར་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ནང་ གོང་འཕེལ་གྱི་ འཆར་གཞི་ཡར་དྲག་ 
ཕུན་སུམ་ཚོགས་སྟེ་  རྒྱལ་ཡོངས་དགའ་སྐྱིད་ དཔལ་འཛོམས་ཀྱི་ དམིགས་དོན་འདི་
སྒྲུབ་བཅུག་ ཟེར་བའི་སྨོན་ལམ་ ཡང་ཡང་བཏབ་ནི་ཨིན་ལགས།
ཧེ་མན་ཏ་སུ་བཱ།
བདུད་པ་་་་་་་ཀ།
འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མ།

No comments:

Post a Comment