༉ ཨྱོན་སངས་རྒྱས་གཉིས་པའི་ཐུགས་སྨོན་ལས།།
དྲིན་ཅན་ངག་དབང་རྣམས་རྒྱལ་བཀྲིན་ལས།།
བདེ་སྐྱིད་ལྡན་པའི་རྒྱལ་བརྒྱུད་རྒྱལ་ཁབ་ནང་།།
མི་དབང་གེ་སར་འཁྲུངས་པ་སྤྲོ་ཉམས་ཆེ།།
སྤྲོ་ཉམས་ཆེ་བས་ང་བཅས་མི་སེར་ཚུ།།
རྒྱལ་པོས་བཙུན་མོ་བཞེས་པ་ཡིད་རང་བས།།
རྗེད་པར་ཕང་པའི་ལུང་བསྟན་རྒྱལ་པོ་མཆོག།།
ནམ་ཡང་མི་རྗེད་བཀྲིས་ལེགས་སྨོན་ཞུ།།
རྗེ་བཙུན་རྣམ་སྤྲུལ་མི་དབང་རྒྱལ་བཙུན་དང་།།
དཔའ་བོ་ལྡན་པའི་གེ་སར་རྒྱལ་པོ་གཉིས།།
མེ་ཏོག་པདྨ་བལྟ་བུར་ཕེལ་བར་ཤོག།།
མི་སེར་ག་ར་སྐྱིད་ཉམས་སྐྱོང་བར་ཤོག།།
ཕྱག་བཅས་གཡས་པས་བཀྲིས་ཁ་དར་འཕུལ།།
ཕྱག་བཅས་གཡོན་པས་ཚེ་དབང་བུམ་པ་འཕུལ།།
རྒྱལ་བཙུན་སྐུ་ཚེ་ཆུ་ལས་རིང་བར་ཤོག།།
བཀྲ་ལ་ཤིས་པར་གཡངས་ལ་ཆགས་པར་ཤོག།།
ཚི་རིང་བཟང་མོ།
དྲུག་པ་་་་་་་་ཀ།
འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མ།
No comments:
Post a Comment