༉ ཡར་གནམ་ལས་འཕུར་བའི་བྱ་བཟུམ་སྦེ།།
ང་བཅས་འབྲུག་གི་རྒྱལ་པོ་མཆོག།།
མར་རྒྱ་མཚོ་ནང་གི་མེ་ཏོག་བཟུམ།།
ང་བཅས་འབྲུག་གི་ཨ་ཞེས་མཆོག།།
ཡར་གནམ་མཁའི་ལྷ་དང་ལྷ་མོ་བཟུམ།།
མར་ས་ཁའི་རྒྱལཔོ་དང་རྒྱལ་བཙུན་མཆོག།།
ང་བཅས་འབྲུག་ལུ་སྐྱེ་མི་མི་སེར་ཚུ།།
འབྲུག་ལུ་སྐྱེ་དེ་སྐལ་བ་བཟང་ནུག་སྨོ།།
རྒྱལ་བཙུན་ཁབ་ཏུ་ཞེས་བའི་རྟེན་འབྲེལ་ལུ།།
རྩི་སྲུང་ཞུ་ནིའི་གོ་སྐབས་འཐོབ་ལས་བརྟེན།།
ང་བཅས་སློབ་དཔོན་སློབ་ཕྲུག་ཁ་ཐུག་ལས།།
བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པར་ཞུ།།
ལས་སྐྱིད་ཚེ་དབང་།
བདུན་པ་ ག།
འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མ།
No comments:
Post a Comment