༉ ཨ་ཧོ་ སྲིད་གཞིར་མི་བརྗིད་དཔལ་ལྡན་འབྲུག་པའི་ཞིང་།།
ཁམས་གསུམ་གཟིལ་གནོན་གེ་སར་སྤྲུལ་པའི་སྐུ།།
འགྲོ་བའི་རེ་བ་བསྐོང་ཕྱིར་མི་ཡུལ་དུ།།
སྤྲུལ་སྐུའི་ཚུལ་དུ་བྱོན་པ་ངོ་མཚར་ཆེ།།
མི་ཆེད་དད་པའི་ངང་ནས་གུས་བཏུད་ཞུ།།
ཁམས་གསུམ་གཟིལ་གནོན་གེ་སར་སྤྲུལ་པའི་སྐུ།།
འགྲོ་བའི་རེ་བ་བསྐོང་ཕྱིར་མི་ཡུལ་དུ།།
སྤྲུལ་སྐུའི་ཚུལ་དུ་བྱོན་པ་ངོ་མཚར་ཆེ།།
སྨན་ལྗོངས་འོག་མིན་འདྲ་བའི་ཞིང་ཁམས་སུ།།
ཏཱ་རའི་རྣམ་སྤྲུལ་རྗེ་བཙུན་པད་མ་མཆོག།
གཡུ་ཁྲི་པདྨའི་སྟེང་དུ་མངའ་གསོལ་ལར།།མི་ཆེད་དད་པའི་ངང་ནས་གུས་བཏུད་ཞུ།།
རྒྱལ་བཙུན་ཁབ་ཏུ་བཞེས་པའི་རྟེན་འབྲེལ་ལུ་བློ་དམན་ཀུན་དགའི་མིང་འཛིན་རང་ནས་སྙན་ ངག་དང་སྡེབ་སྦྱོར་ཚུ་གི་རྒྱན་པའི་སྙན་ཚིག་ལ་སོགས་པ་ག་ནི་ཡང་མེད་རུང་།ལྷག་ བསམ་རྣམ་དག་གི་ངང་ནས་མེ་ཏོག་ཆུང་རུང་མཆོད་པའི་བརྫས་སུ་དམིགས་ཏེ་ཕུལ་མི་འདི་ལུ་ནོར་འཁྲུལ་འབྱུང་སྲིདཔ་ལས་ འདི་ལུ་མཁས་པ་ཡོངས་ཀྱི་ སྙིང་ནས་བཟོད་པ་བཞེས་གནང་བར་ཞུའོ།།
རྫོང་སློབ་་་་་་་ ཀུན་དགའ།
འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མ།
རྫོང་སློབ་་་་་་་ ཀུན་དགའ།
འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མ།
No comments:
Post a Comment